རྒྱལ་སྲས་ཞི་བ་ལྷ།

བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།

ཞི་བ་ལྷ་བཀོལ་སྤྱོད་མཉེན་ཆས།

བཀོལ་སྤྱོད་མཉེན་ཆས་འདིས་སློབ་དཔོན་ཆེན་པོ་ཞི་བ་ལྷས་མཛད་པའི་ “བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་”ཞེས་པའི་གཞུང་ནས་ཉིན་རེ་བཞིན་ཚིགས་སུ་བཅད་པ་གཅིག་སྟོན་པའི་སྒོ་ནས་གཞུང་ཆ་ཚང་བ་ཀློག་ཏུ་འཇུག་གི་ཡོད། སྤྱོད་འཇུག་ལྟ་བུར་མཚོན་ན། ཁྱད་པར་དུ་འཕགས་ཤིང་ཁ་ཡོད་ལག་ཡོད་ཀྱི་ཉམས་ལེན་དང་བློ་སྤོབས་སྤེལ་བའི་ནང་པའི་ལམ་གྱི་རིམ་པའི་ཁྱད་རྣམ་ཆ་ཚང་བའི་གཞུང་ལུགས་ཤིག་ཡིན་པ་རེད། ཞི་བ་ལྷ་ནི་རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཞིག་ཡིན་པ་དང་ཁོང་དུས་རབས་ ༨ པའི་ནང་བྱོན།ད་ལྟ་ང་ཚོས་མཇལ་རྒྱུ་ཡོད་པའི་ཁོང་གི་གཞུང་ལུགས་གཉིས་ཏེ།

བཀོལ་སྤྱོད་མཉེན་ཆས་འདིའི་ནང་བསྟན་པའི་སྤྱོད་འཇུག་དང་བསླབ་པ་ཀུན་ལས་བཏུས་པ་རེད། གཞུང་དེ་གཉིས་ཀ་ད་ལྟའང་སློབ་གཉེར་བྱེད་ཀྱི་ཡོད་པ་དང་དམིགས་བསལ་སྤྱོད་འཇུག་ནི་བོད་ཀྱི་སྲོལ་རྒྱུན་གྱི་ནང་གཙིགས་ཆེ་ཤོས་བརྩི་བ་དང་ཡང་ནས་ཡང་དུ་སློབ་འཁྲིད་བྱས་དང་བྱེད་མུས་ཀྱི་གཞུང་ལུགས་ནང་གི་གཅིག་ཆགས་ཀྱི་ཡོད།